- Home
- About NCB
- Business
- Chairperson
- Members
- Committees
- Secretariat
- Downloads
- Library
- Media
Media
Multimedia
ད་རེས་ སྤྱི་ཚེས་ ༡༤/༡༢/༢༠༢༢ ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ སྲོལ་འཛིན་ལས་ཁུངས་ཀྱི་ སྒྲིག་ལམ་སྡེ་ཚན་ནང་ལས་ གཙོ་འཛིན་འཇིགས་མེད་འོད་ཟེར་གྱིས་ རྒྱལ་ཡོངས་ཚོགས་སྡེའི་ ཆེད་བསྟོད་ཅན་གྱི་འཐུས་མི་དང་ ཡོངས་ཁྱབ་དྲུང་ཆེན་ འགོ་དཔོན་དང་ ལས་བྱེད་ཚུ་ལུ་ སྲོལ་འཛིན་ལས་ཁུངས་ཀྱི་ཁ་ཐུག་ལས་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ཏེ་ འབྲུག་མི་ཡོངས་ལུ་ ཕན་ཐོག་པའི་རེ་བ་ལུ་དམིགས་ཏེ་ གཞུང་འབྲེལ་བཅའ་སྒྲིག་ལམ་སྟོན་ ཕྱོགས་བསྒྲིགས་འབད་དེ་ཡོད་པའི་ནང་ལས་ སྤྱི་ཚོགས་ལུ་ ཁེ་ཕན་ཆེ་བའི་ དོན་ཚན་རིགས་བཀོད་དེ་ཡོད་མི་ཚུ་ གསལ་སྟོན་ཕུལ་གནངམ་དང་འབྲེལ་ཏེ་ ཆེད་བསྟོད་ཅན་གྱི་འཐུས་མི་རྣམས་དང་ བཅའ་མར་གཏོགས་མི་ཚུ་གི་ བསམ་འཆར་བརྗེད་སོར་དང་ འདྲི་བ་འདྲི་ལན་ཚུ་ཡང་ མཛད་གནང་ཡི།
འདི་བཟུམ་གྱི་ དམིགས་བསལ་ཅན་གྱི་ ལས་རིམ་འདི་གིས་ སྤྱིར་བཏང་རྒྱལ་ཡོངས་ཚོགས་སྡེ་དང་ ལྷག་པར་དུ་ ཆེད་བསྟོད་ཅན་གྱི་འཐུས་མི་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་བྱུང་སྟེ་ཡོདཔ་ལས་ སྒྲིག་ལམ་སྡེ་ཚན་གྱི་གཙོ་འཛིན་དང་ འགོ་དཔོན་ཡོངས་ལུ་ བཅའ་མར་གཏོགས་མི་ཚུ་གི་ཁ་ཐུག་ལས་ དགའ་འཚོར་ཕུཝ་ཨིན།
Keep up to date with what's happening at the National Council.
Langjophaka, Thimphu, Post Box No. 200, PABX: 00975-2-337371/337372/337374, Fax No. 325543/337158
E-mail: sonamtobgye@nationalcouncil.parl.bt